ལས་བྱེད་ས་མིག་གསལ་བསྒྲགས།
༄༅། བོད་མིའི་དྭང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ཁྱིམ་ཚང་ཆེད་ཕ་ཚབ་མ་ཚབ་གང་རུང་གསུམ་གྱི་ས་མིག་སྟོང་པ་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་ཞབས་ཞུའི་ནང་བཞུགས་འདོད་ཡོད་མཁན་རྣམས་ནས་འཚང་སྙན་འབུལ་དགོས།
འཚང་སྙན་འབུལ་མཁན་གྱི་དགོས་མཁོའི་ཆ་རྐྱེན་ཁག་གཤམ་གསལ།
༡། དམའ་མཐར་འཛིན་རིམ་ལྔ་པའམ་དེ་མཚུངས་ཚད་འཛིན་སློབ་ཐོན་ཟིན་པའི་ལག་འཁྱེར་ངོ་བཤུས།
༢། བུད་མེད་ཡིན་ན་ཕྲུ་གུ་ལོ་ ༥ མན་མཉམ་སྦྱར་མེད་པ་དང་། བསྐོ་གཞག་རྗེས་མངལ་ཆགས་མཚམས་ལས་
གནས་ནས་རྩ་དགོངས་བསྩལ་རྒྱུ།
༣། བོད་མིའི་དྭང་བླངས་དཔྱ་དངུལ་ ༢༠༢༡།༡༢།༣༡ བར་གཙང་ཕུལ་ཟིན་པའི་ཡིག་ཆའི་ངོ་བཤུས།
༤། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ཡིག་ཆའི་ངོ་བཤུས།
༥། སྨན་པ་ཚད་ལྡན་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་ངོ་མ་འདྲ་པར་མཉམ་སྦྱར།
༦། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར་ངོ་མ།
༧། ད་ལྟ་སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་
སྦྱོར་ངོ་མ།
༨། ཕོགས་དང་ཐོབ་ཐང་མཐུན་རྐྱེན་གཞན་ཇི་ཡོད་མངོན་དགའ་སློབ་གྲྭའི་སྒྲིག་ལྟར་འཐོབ་རྒྱུ།
གོང་གསལ་ཡིག་ཆའི་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་གནས་རིམ་ཡན་གྱི་དག་མཆན་དང་ལས་དམ་བཀོད་དེ་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༢༡།༠༤།༡༥ འགྱངས་མེད་འབུལ་དགོས།
འདི་ནས་དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང་། གློག་འཕྲིན་ (Email) དེ་བཞིན་ཁ་དཔར་ཨང་གྲངས་སོགས་འཚང་སྙན་ནང་ཁ་གསལ་འགོད་དགོས། ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་འགོད་བཅར་སྐབས་མིག་བཏོན་བྱ་དགོས། ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་ཆ་སྐབས་མཚམས་ཐག་གཅོད་བྱ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ཞུ། སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ཡིག་ཚང་ནས་ཕྱི་ལོ་་༢༠༢༡ ཟླ་ ༣ ཚེས་ ༦ ལ།།
Mr. Pemba Labrang
Director,
Ngoenga School For Tibetan Children With Special Needs.
Shastradhara Road, P.O. Kulhan-248 001
Dehradun (U.K.) INDIA.
Email: [email protected]
Ph: 9902106044.9739497700